༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་བྱང་ཐོག་ App མཐུན་རྐྱེན་གསར་བཟོ་ཞུས་ཡོད།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུའི་ལས་རིམ་ཐད་ཀར་གསན་གཟིགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འབྲེལ་བའི་བོད་ཨིན་གསར་འགྱུར་ཁག་རྒྱུན་དུ་ནས་གཟིགས་བདེའི་ཆེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ TPIE མཚན་བྱང་ཐོག་ App མཐུན་རྐྱེན་གསར་བཟོ་ཞུས་ཡོད་པས་དོན་གཉེར་ཅན་རྣམས་ནས་ App Store  དང་ Google Play Store བརྒྱུད་ལག་ཐོགས་ཁ་པར་དང་དེ་འབྲེལ་འཕྲུལ་ཆས་སོགས་ནས་རིན་མེད་ཐོག་ཕབ་ལེན་གྱིས་གསན་གཟིགས་ཐུབ་རྒྱུ་ཡོད་ལགས་པ་ཞུ།