༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༢༧ ནས་ཟླ་ ༨ ཚེས་ ༡༤ བར་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ལ་དྭགས་སླེ་བྱང་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་ཕྱི་ཟླ་ ༧ ཚེས་ ༢༧ ཉིན་ལ་དྭགས་ས་གནས་སུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ནས་ཟླ་ ༨ ཚེས་ ༡༢ བར་ཉིན་གྲངས་ ༡༦ རིང་ལས་རིམ་ལྟར་སླེ་བྱང་ས་གནས་ཀྱི་བོད་མིའི་འདུ་སྡོད་གཞིས་གྲོང་ཁག་དང་། དགོན་སྡེ། ལ་དྭགས་བོད་ཁྱིམ་སློབ་གྲྭ་སོགས་ལ་གཟིགས་བསྐོར་དང་ཆབ་སྲིད་ལམ་སྟོན་ཆེད་ཕེབས་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༤ ཉིན་སྤྱི་འཐུས་མཆོག་ལྡི་ལི་བརྒྱུད་བཞུགས་གནས་སྦེལ་ཀོབ་ཏུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།