བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་བསྐོ་གཞག་གནང་བ་རྣམས་ལ་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༩ ཚེས་ ༣ ཉིན་ (Smt.Nirmala Sitharaman) མཆོག་རྒྱ་གར་དབུས་གཞུང་གི་རྒྱལ་སྲུང་བློན་ཆེན་ (Defence Minister) ལ་བསྐོ་གཞག་གནང་བ་དང་། (Shri.Piyush Goyal) མཆོག་རྒྱ་གར་དབུས་གཞུང་གི་མེ་འཁོར་བློན་ཆེན་ (Railway Minister) ལ་བསྐོ་གཞག་གནང་བ།    དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ (Shri. Anant Kumar Dattatreya Hegde) མཆོག་གིས་གཙོས་གཞན་བློན་ཆེན་དུ་བསྐོ་གཞག་གནང་བ་རྣམས་ལ་ཡང་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚབ་ཞུས་ཏེ་དམིགས་བསལ་འཚམས་འདྲི་ཞུས་གནང་བ་དང་ཆབས་ཅིག་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་འདུག

…………………….

འཚམས་འཕྲིན་བཀླགས་ཆེད་འདིར་སྣོན། Smt. Nirmala Sitharaman
འཚམས་འཕྲིན་བཀླགས་ཆེད་འདིར་སྣོན། To Shri. Anant Kumar Dattatreya Hegde