Posts by དྲྭ་གཉེར་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་ཧི་མ་ལ་ཡའི་ཁྱིམ་ཚང་ (Himalaya Parivar) ཚོགས་པའི་གོ་སྒྲིག་འོག་ཧི་མ་ཅཱལ་མངའ་སྡེའི་གཞུང་གི་མགྲོན་ཁང་ (Circuit House) ཉེ་འདབས་སུ་རང་

Posts by དྲྭ་གཉེར་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་ཧི་མ་ལ་ཡའི་ཁྱིམ་ཚང་ (Himalaya Parivar) ཚོགས་པའི་གོ་སྒྲིག་འོག་ཧི་མ་ཅཱལ་མངའ་སྡེའི་གཞུང་གི་མགྲོན་ཁང་ (Circuit House) ཉེ་འདབས་སུ་རང་བྱུང་ཁམས་དང་། ཁོར་ཡུག་སྲུང་སྐྱོབ་སླད་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་ཞིག་སྤེལ་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་གྱི་ཐོག་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞིའི་སྐུ་མགྲོན་གཙོ་བོར་ཧི་མ་ཅཱལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་ར་ཀེ་ཤི་པ་ཐ་ནཡེ་ (Shri.Rakesh Pathania,Minister for Forest,HP) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་སྐུ་མགྲོན་དུ་རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་སྐུ་ཞབས་དྷེ་ཝིན་དར་(Shri.Devinder ji,Vibhag Pracharak,RSS)མཆོག མངའ་སྡེའི་ཤིང་ནགས་ལས་ཁུངས་ཀྱི་ལས་སྣེ་རྣམ་པ། རྡ་ས་ས་གནས་འགོ་འཛིན། རྡ་སར་རྟེན་གཞི་བྱས་པའི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་ལས་སྣེ་རྣམ་པ། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པའི་ཚོགས་མི་རྣམ་པ་བཅས་མཉམ་ཞུགས་ཀྱིས་ཐོག་མར་ཧིན་དུའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གནང་བ་དང་། རིམ་པས་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་སོགས་ནས་ཤིང་སྣ་འདེབས་འཛུགས་གནང་རྗེས།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧི་མ་ཅཱལ་མངའ་གཞུང་གི་ཤིང་ནགས་བློན་ཆེན་སྐུ་ཞབས་ར་ཀེ་ཤི་པ་ཐ་ནཡེ་མཆོག་ལ་འཚམས་འདྲི་དང་། མ་འོངས་པར་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་གནང་སོང་། དེ་ནས་མངའ་གཞུང་གི་མགྲོན་ཁང་ནང་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ (Shri Jai Ram Thakur) མཆོག་དང་ཟུར་དུ་མཇལ་འཕྲད་གནང་ཡོད་པ་བཅས། །