སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༦ ནས་ཚེས་ ༢༥ བར་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སྦིར་བོད་མིའི་གཞིས་ཆགས་ཁག་གསུམ་དང་། མ་ན་ལི། ཀུ་ལུ། བྷུན་ཏར་བཅས་ཀྱི་ས་གནས་ཁག་སོ་སོའི་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་རྡ་ས་ནས་སྦིར་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ་ཕྱི་ཚེས་ ༡༧ ནས་ ༢༡ བར་ཉིན་ལྔའི་རིང་ལས་རིམ་དང་། དེ་རྗེས་ཕྱི་ཚེས་ ༢༢ ནས་ ༢༤ བར་གོང་འཁོད་ས་གནས་གཞན་རྣམས་ལ་མུ་མཐུད་ལས་རིམ་ལྟར་གཟིགས་བསྐོར་ཕེབས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་མཆོག་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།