སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ལྡི་ལིར་ཕེབས་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དགུན་ཁའི་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན་གང་ཅིའི་འབྲེལ་ལམ་ཆེད་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ནས་ཚེས་ ༢༦ བར་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་རྒྱུ་དང་། དེ་རྗེས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཆོད་དགོངས་དོན་བཞིན་ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རྣམས་ཀྱི་ལྷན་ཚོགས་ཤིག་གནང་རྒྱུ་བཅས་ཀྱི་ཆེད། སང་ཚེས་ ༡༩ ཉིན་ལྡི་ལིར་ཕེབས་ཐོན་གནང་གི་ཡོད་པའི་གནས་ཚུལ་དུ།།