སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༢༧ བར་རྒྱ་གར་མངའ་སྡེ་མཧཱ་རཱཤཀྲ་ནང་རྟེན་གཞི་བྱས་པའི་བྷན་དཱ་ར་ནོར་རྒྱས་གླིང་གཞིས་ཆགས་དང་རྒྱ་གར་མངའ་སྡེ་ཆ་ཏི་སི་སྒར་ནང་རྟེན་གཞི་བྱས་པའི་མན་སྤར་ཕན་བདེ་གླིང་གཞིས་ཆགས་བཅས་གཉིས་དང་། དེའི་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་ཕྱི་ཚེས་ ༣༠  ཉིན་བཞུགས་གནས་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ལྡི་ལི་ནས་མཧཱ་རཱཤཀྲ་མངའ་སྡེའི་གྲོང་ཁྱེར་ནག་སྤུར་དུ་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༡ ནས་ ༢༥ བར་གོང་གསལ་ས་ས་གནས་ཁག་ལ་ལས་རིམ། ཕྱི་ཚེས་ ༢༦ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །