སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་བཞིན་པ།

རྡོར་གླིང་གཏན་སློབ་ཏུ།

 ༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ ནས་ཕྱི་ཟླ་ ༡༢ ཚེས་ ༩ བར་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཁག་ལྔ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༡༢ ཚེས་ ༡ ནས་ ༤ བརརྡོར་གླིང་ (Darjeeling) དང་། མི་རིག(Mirik) གུམ་(Ghoom) བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་འདུག

རྡོར་གླིང་གཏན་སློབ་ཏུ་གསུང་བཤད་གནང་སྐབས།

དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་སྤྱི་འཐུས་རྣམ་གཉིས་སྔ་དྲོ་ཆུ་ཚོད་ ༩༠༠ པའི་ཐོག་རྡོར་གླིང་གཏན་སློབ་ལ་ཕེབས་ཏེ། སློབ་ཕྲུག་རྣམས་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གནང་རྗེས། སློབ་གྲྭའི་དགེ་ལས་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གནང་ཡོད་པ་དང་། ཉིན་རྒྱབ་ཨོ་རྒྱན་ཀུན་བཟང་ཆོས་འཁོར་གླིང་དང། ཕུན་ཚོགས་པདྨ་ཆོས་འཁོར་གླིང་དགོན་པ་བཅས་ལ་གནས་གཟིགས་གནང་འདུག

ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དུ་གཟིགས་བསྐོར་ཕེབས་རྗེས་དགེ་སློབ་རྣམས་དང་ལྷན་བསྒྲོན་པའི་པར།

ཕྱི་ཚེས་ ༢ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་རྡོར་གླིང་ནས་སྟག་མདའ་ས་གནས་སུ་ཕེབས་ཐོན་གྱིས་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དུ་གཟིགས་བསྐོར་དང་། མི་མང་དངཐུགའཕྲད་གནང་རྗེས། རྡོར་གླིང་བོད་མིའི་རང་འཚོའི་བཟོ་གྲྭར་གཟིགས་བསྐོར་ཕེབས་གནང་འདུག

གུམ་ས་སྐྱ་གུ་རུ་མདོ་སྔགས་ནོར་བུའི་གླིང་།

ཕྱི་ཚེས་ ༣ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་གཉིས་འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་དང་། གུམ་ས་སྐྱ་གུ་རུ་མདོ་སྔགས་ནོར་བུའི་གླིང་། གུམ་ཡིད་དགའ་ཆོས་གླིང་དགོན་པ། ཕུན་ཚོགས་རྔ་ཡབ་ཆོས་འཁོར་གླིང་དགོན་པ་བཅས་ལ་གནས་གཟིགས་གནང་ཡོད་འདུག

འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པའི་ཡང་སྲིད་མཆོག་སྤྲུལ་མཆོག་ལ་མཇལ་ཁ་ཞུ་སྐབས།

ཕྱི་ཚེས་ ༤ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་མི་རིག་ས་གནས་སུ་ཕེབས་ཐོན་གནང་སྟེ། ས་གནས་མི་མང་དང་ཐུག་འཕྲད་གནངརྗེས།

མི་རིག་ས་གནས་མི་མང་དང་ཐུག་འཕྲད་སྐབས།

འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པར་གནས་གཟིགས་དང་། དགོན་པའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཞུས་གནང་ཡོད། དེ་ནས་སུ་ཁེ་ཀིརྟིའི་བཀྲ་ཤིས་ཆོས་གླིང་དུ་གནས་གཟིགས་གནངཡོད་པ་བཅས། །

སུ་ཁེ་ཀིརྟིའི་བཀྲ་ཤིས་ཆོས་གླིང་དགོན་པ།

རྡོར་གླིང་རང་འཚོའི་བཟོ་གྲྭར་གཟིགས་བསྐོར་ཕེབས་སྐབས།

རྡོར་གླིང་ཨོ་རྒྱན་ཀུན་བཟང་ཆོས་འཁོར་གླིང་དུ་གནས་གཟིགས་ཕེབས་སྐབས།

གུམ་ཡིད་དགའ་ཆོས་གླིང་དགོན་པར་གནས་གཟིགས་ཕེབས་སྐབས།