སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༡ ནས་ཚེས་ ༡༨ བར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེན་ནའི། པོན་ཌི་ཅ་རི། ཀན་ནེཡ་ཀུ་མར་རི། ཀོ་ཅིན། དེ་བཞིན་བོད་མིའི་གཞིས་ཆགས་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༧ ཚེས་ ༡ དང་ཚེས་ ༣ ཉིན་རྡ་ས་དང་། ཧུན་སུར་གཞིས་ཆགས་སོ་སོ་ནས་སྦེང་ལོར་དུ་ཕེབས་ཐོན་གནང་རྒྱུ་དང་།  ཕྱི་ཚེས་ ༤ ཉིན་སྦེང་ལོར་ནས་ཅེན་ནའི་རུ་ཕེབས་ཐོན་གྱིས་ཚེས་ ༥ ཉིན་ས་གནས་སུ་འབྱོར་འཕྲལ་ཉིན་གསུམ་གྱི་ལས་རིམ་དང་། དེ་རྗེས་ཕྱི་ཚེས་ ༨ ནས་ ༡༦ བར་གོང་འཁོད་ས་གནས་གཞན་རྣམས་ལ་མུ་མཐུད་ལས་རིམ་ལྟར་གཟིགས་བསྐོར་ཕེབས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་བཞུགས་གནས་ཧུན་སུར་གཞིས་ཆགས་སུ་ཕྱིར་ཕེབས་གནང་རྒྱུ་དང་། ཚེས་ ༡༨ ཉིན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།