སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོར་མཁན་ཁྲིར་མངའ་གསོལ་གྱི་མཛད་སྒོར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ ཉིན་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་མཆོག་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་ཁྲིར་མངའ་གསོལ་གྱི་མཛད་སྒོ་བསྐྱང་རྒྱུའི་ཐོག་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེའི་བླ་བྲང་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་སྐུ་མགྲོན་དུ་གདན་ཞུས་ལྟར། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་མཛད་སྒོའི་སྐུ་མགྲོན་དུ་ཕེབས་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་ཕྱི་ཟླ་ ༢ ཚེས་ ༨ ཉིན་རྡ་ས་བཞུགས་སྒར་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་བརྒྱུད་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༡ ཉིན་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །