རྒྱལ་སྤྱིའི་ནང་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པའི་རེ་འབོད་ཤུགས་ཆེ་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ཉིན་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་དུས་ཚིགས་དང་བསྟུན། ཨ་རི་དང་། ཁེ་ན་ཌ། ཨོ་སི་ཀྲོ་ལི་ཡ། ཨིན་ལེན། སི་ཀོ་ཊི་ལན་ཌི། ལྷོ་ཨ་ཕི་རི་ཀ། ཡུ་རོབ་རྒྱལ་ཁབ་ཁག་ཅིག་བཅས་ཁྱོན་རྒྱལ་ཁབ་ཁག་བཅུ་བཞིའི་གཞུང་གི་དཔོན་རིགས་ལས་བྱེད་དང་། ཆབ་སྲིད་མི་སྣ། གྲོས་ཚོགས་འཐུས་མི་སོགས་མི་གྲངས་ ༡༤༤ ཡིས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གློད་བཀྲོལ་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་སོ་སོའི་ནང་འཁོད་དོན། ཁྱེད་ཀྱི་མཁྱེན་གསལ་ལྟར། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལ་ཕེབས་སྐབས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཉིན་གསུམ་ཕྱིན་པའི་རྗེས་རྒྱ་ནག་གཞུང་གིས་ཁོང་དང་། ཁོང་གི་ནང་མི་ལྷན་རྒྱས་བཙན་འཁྲིད་བྱས་པ་ནས་བཟུང་། ད་བར་ཁོང་གང་དུ་བཞུགས་མིན་དང་། གནས་སྟངས་གང་འདྲ་ཡོད་པ་འཛམ་གླིང་ནང་ཤེས་ཐབས་མེད་པ་ཆགས་ཡོད། ང་ཚོ་བོད་རིགས་གཙོ་བོར་གྱུར་བའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དད་ལྡན་རྗེས་འབྲངས་པ་ཡོངས་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གློད་བཀྲོལ་དགོས་པའི་འབོད་སྐུལ་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད། ང་ཚོས་འདས་པའི་ལོ་ངོ་ ༢༥ རིང་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐོར་ར་སྤྲོད་ཐུབ་པའི་དངོས་ཡོད་གནས་ཚུལ་ཐོབ་རྒྱུར་རེ་སྒུག་དང་སེམས་ཁུར་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་བར་ར་སྤྲོད་ཐུབ་པའི་གནས་ཚུལ་ཞིག་ང་ཚོར་སྤྲད་མེད།

ཉེ་ཆར་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལི་ཇན་གྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆུང་བྱིས་པའི་སྐབས་རྒྱུན་ལྡན་བྱིས་པ་སྤྱི་མཚུངས་ལྟར་གཞུང་གི་རིན་མེད་ཐོག་ཤེས་ཡོན་གོ་སྐབས་ཐོབ་ཡོད་པ་དང་། དེ་རྗེས་མཐོ་སློབ་ལེགས་པར་ཐོན་ནས་ད་ཆ་ལས་ཀར་ཞུགས་བཞིན་ཡོད་པ། དེ་བཞིན་ཁོང་དང་ཁོང་གི་ནང་མི་རྣམས་ཀྱིས་ཕྱིའི་སུན་གཙེར་མེད་པར་ཞི་བདེ་བག་ཕེབས་ངང་མི་ཚེ་སྐྱེལ་འདོད་བྱེད་བཞིན་ཡོད་ཚུལ་སོགས་གསལ་བསྒྲགས་བྱས་པར་ང་ཚོས་ཡིད་ཆེས་བྱེད་ཐུབ་ཐབས་མེད། གང་ཡིན་ཟེར་ན། ང་ཚོས་ཤེས་གསལ་ལྟར་རྒྱ་ནག་གཞུང་གིས་དུས་ད་ལྟ་བར་རྒྱལ་སྤྱིའི་ནང་མགོ་སྐོར་བསླུ་འཁྲིད་བྱེད་བཞིན་ཡོད། དཔེར་ན། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་བརྟེན་ནས་ཉེ་ཆར་ཏོག་དབྱིབས་གཉན་རིམས་ ༡༩ འཛམ་གླིང་ཡུལ་གྲུར་གང་སར་ཁྱབ་གདལ་དུ་ཕྱིན་ཏེ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།

ད་ལྟའི་རྒྱ་ཁྱབ་ནད་ཡམས་རྐྱེན་པས་འཛམ་གླིང་ཁྱོན་ལ་སྒོ་རྒྱ་བསྡམས་ཡོད། འོན་ཀྱང་བོད་ནི་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་བཙན་བཟུང་བྱས་པ་ནས་བཟུང་སྒོ་རྒྱ་བསྡམས་ཡོད། རྒྱ་ནག་གཞུང་གི་གདུག་རྩུབ་དང་གཉའ་གནོན་དབང་སྒྱུར་འོག་བོད་ནང་སྡུག་པོ་ཚད་མེད་མྱངས་དང་མྱོང་བཞིན་ཡོད།

༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་དང་བསྟུན། ཁྱེད་ཀྱིས་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་བ་དེས། ཁྱེད་ཀྱིས་དྲང་བདེན་ལ་རྒྱབ་སྐྱོར་ཡོད་པ་དང་། དྲང་བདེན་ཕྱོགས་ལ་ལངས་ཀྱི་ཡོད་པའི་བརྡ་ལན་གསལ་པོ་ཞིག་རྒྱ་ནག་གཞུང་ལ་སྤྲད་གནང་ཡོད། ཁྱེད་ཀྱིས་ང་ཚོའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གློད་བཀྲོལ་མ་ཐོབ་པར་ཁྱེད་ཀྱིས་མུ་མཐུད་ཁོང་གློད་བཀྲོལ་ཡོང་བའི་འབོད་སྐུལ་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད།

མཐའ་དོན་ངས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ། ཁྱེད་ཀྱིས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་བའི་རེ་འབོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་རྒྱབ་སྐྱོར་གནང་བ་དེས་ཏན་ཏན་ནུས་པ་ཐོན་གྱི་ཡོད། ༸པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་གནང་ཡོད་འདུག

རྒྱལ་ཁབ་ཁག་བཅུ་བཞིའི་གཞུང་གི་དཔོན་རིགས་ལས་བྱེད་དང་། ཆབ་སྲིད་མི་སྣ། གྲོས་ཚོགས་འཐུས་མི་བཅས་ཀྱི་མཚན་གཞུང་གཤམ་གསལ།

US Secretary of State Mike Pompeo, the US Ambassador-at-large for International Religious Freedom Sam Brownback , Congressman Jim McGovern, and Senator Marco Rubio from the USA; MP Randall Garrison, MP Paul Manly, MP Elizabeth May, MP Jenica Atwin, MP Garnett Genuis, MP Ziad Aboultaif, MP Colin Carrie, MP Kerry Diotte, MP Kerry-Lynne Findlay, MP Jasraj Singh Hallan, MP Marty Morantz, MP Scott Reid, MP Nelly Shin, MP Karen Vecchio, MP Arnold Viersen, MP Cathay Wagantall, MP Arif Virani, MP James Maloney, MP Sven Spengemann, MP Larry Bagnell,  and Senator Mobina Jaffer from Canada; MPL President VF Hlabisa of Inkatha Freedom Party from South AfricaAustralian MPs Warren Entsch, Susan Templeman, and Nick McKim; MEPs Mikuláš Peks, Alviina Alametsä, Patrick Breyer, Reinhard Bütikofer, Isabel Carvalhais, Antoni Comín i Oliveres, Petra De Sutter, Lucia Ďuriš Nicholsonová, Tanja Fajon, Raphael Gluksmann, Francisco Guerreiro, José Gusmão, Svenja Hahn, Heidi Hautala, Hannes Heihe, Marcel Kolaja, Miriam Lexmann, Aušra Maldeikienė, Marisa Matias, Tilly Metz, Javier Nart, Clara Ponsati i Obiois, Cales Puigdemont i Casamajo, Diana Riba i Giner, Isabel Santos, Ivan Štefanec, Riho Terras, Marie Toussaint, Alexandr Vondra, Salima Yenbou, Tomáš Zdechovský, and Milan Zver;  Belgian Federal Parliament member Mr. Samuel Cogolati; Member of Scottish Parliament Mr. Ross Greer and Linda Fabiani; MP Tim Loughton from UK; MP Dr. Andrius Navickas from LithuaniaSwiss parliamentarians: Maya Graf, Carlo Sommaruga, Lisa Mazzone, Nik Gugger, Fabian Molina, Prisca Birrer-Heimo, Barbara Gysi, Martina Munz, Laurence Fehlmann Rielle, Claudia Friedl, Balthasar Glättli, Cèdric Wermuth, Irène Kälin, Beat Jans and Nicolas Walder; Czech Chamber of Deputies: František Kopříva, Dana Balcarová, Jan Čižinský, Jakub Janda, Lenka Kozlová, Tomáš Martínek, Jakub Michálek, Vít Rakušan, Olga Richterová, Ondřej Veselý, Tomáš Vymazal and Marek Výborný; Czech Senators Vice-President of the Czech Republic Senat Jiri Ruzicka, Vice President of the Senate Miluše Horská, Vice president of the Senate Jan Hornik, Vice President of the Senate Jiri Oberfalzer, Senator Premysl Rabas, Senator David Smoljak, Senator Marek Hilšer, Senator Vaclav Chaloupek, Senator Jitka Seitlova, Senator Zdenek Papousek, Senator Lukas Wagenknecht, Senator Jiri Dienstbier, Senator Tomas Czernin, Senator Miroslav Balatka, Senator Renata Chmelova, Senator Jiri Drahos; Senator Roberto Rampi, and Member of Chamber of Deputies Mr Luciano Nobili, Members of Chamber of Deputies Mr Matteo Luigi Bianchi and Antonella Incerti from Italy; Mr. Michael Brand, Mr. Frank Schwabe, Ms. Gyde Jensen, and Ms. Margarete Bause from Germany; Deputy Speakers of the Parliament Mr. Gábor Grendel and Mr. Juraj Šeliga, and MPs Peter Osuský, Miroslav Kollár, Ondrej Dostál, Radovan Kazda, Vladimíra Marcinková, Peter Pollák , Miroslav Žiak, Jarmila Halgašová, Anna Zemanová, Dominik Drdul, Kristián Čekovský, Juraj Krúpa, Jana Žitňanská, Marian Viskupič, Peter Cmorej, Ján Benčík, Anna Záborská, Vladimír Ledecký, Romana Tabak and Monika Kozelová from Slovakia ; MPs Ms. Yoko Alender, Mr Ruuben Kaalep, Mr Tamo Kruusimae, Mr Eeick-Niiles Kross, Mr Paul Puustusmaa from Estonia; Members of the Council of States- Maya Graf, Lisa Mazzone and Carlo Sommaruga; and 12 Members of the National Council Prisca Birrer-Heimo, Laurence Fehlmann Rielle, Claudia Friedl, Balthasar Glättli, Nik Gugger, Barbara Gysi, Beat JansIrène Kälin, Fabian Molina, Martina Munz, Nicolas Walder and Cédric Wermuth of Swiss Parliament.