བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ཇར་ཁན་ཌ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་གཏན་འཁེལ་བ།

སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། གྲོས་ཚོགས་ཚོགས་གཙོ། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༠ ནས་ ༡༩ བར་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་མངའ་སྡེ་ཇར་ཁན་ཌ་ (Jharkhand) ཡི་རྒྱལ་ས་རན་ཆིའི་ (Ranchi) ནང་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་ཕྱི་དྲོ་སོ་སོའི་བཞུགས་གནས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་ལྡི་ལི་ནས་རན་ཆིར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༣་་་༡༧ བར་ས་གནས་སུ་བོད་དོན་ཞུ་སྐུལ་གནང་རྒྱུ།  ཕྱི་ཚེས་ ༡༨ ཉིན་རན་ཆི་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་ལྡི་ལི་ནས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །