བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྤོན་ཊ་བོད་མིའི་གཞིས་ཆགས་སུ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།  དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༡ ཉིན་ས་གནས་སུ་མཛད་འཆར། ཚེས་ ༢༢ ཉིན་སྤོན་ཊ་གཞིས་ཆགས་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་བཅས།