བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

IMG_8020

ཕྱི་ལོ ༢༠༡༧ ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པ་དབུ་འཛུགས་གནང་སྟེ། ཐོག་མར་ཚོགས་གཙོ་མཆོག་ནས་དྲི་བ་དྲི་ལན་གྱི་དུས་ཚོད་མེད་གསུངས་པ་དང་སྦྲགས། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་སྙན་ཐོར་བཀའ་ཤག་གིས་མཇུག་གནོན་གནང་བར་སྤྱི་འཐུས་རྒྱུན་ལས་ཀྱིས་བསྐྱར་ཞིབ་དང་འབྲེལ་མཇུག་གནོན་གནང་བའི་སྙན་ཐོ་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྙན་སྒྲོན་གནང་ཡོད།

IMG_8029
ཉིན་རྒྱབ་ལས་རིམ་སྔོན་མའི་འཕྲོ་སྐྱོང་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་གྲུབ་རྗེས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་མུས་ཡིན་པའི་གནས་ཚུལ་དུ།།