དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྡ་སར་ཕེབས་པར་འཚམས་འདྲི་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་གྱི་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇེ་རཱམ་ ཋཱ་ཀུར་  (Shri Jai Ram Thakur) མཆོག་རྡ་ས་བྷག་སུ་ (Bhagsunath) རུ་མཛད་སྒོ་ཞིག་གི་ཐོག་ཕེབས་པ་དང་བསྟུན། དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཅིག་ཕུལ་གནང་ཡོད།

མཛད་སྒོ་གྲུབ་མཚམས། བྷག་སུ་ས་གནས་གོ་སྒྲིག་ཚོགས་ཆུང་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་ལ་གསོལ་ཇ་འདེགས་འབུལ་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་མཉམ་ཞུགས་དང་སྦྲགས། ས་གནས་བོད་མིའི་དཀའ་ངལ་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་སོགས་སྙན་སེང་ཞུས་གནང་ཡོད།

མཛད་སྒོའི་ཐོག་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སོགས་ཆེད་ཕེབས་གནང་ཡོད་པ་བཅས། །