དཔལ་ལྡན་ཚོགས་གཞོན་མཆོག་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་སྲུང་བརྩི་སྐབས་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་ནུས་གསོ་བསྟི་གནས་ཁང་ནས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་སྲུང་བརྩི་སྐབས་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་བ་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་སྔ་དྲོ་ཚོུད་ ༡༠ པའི་ཐོག་ཡོངས་གླིང་སློབ་གྲྭར་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྐུ་ངོ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང། སྙིང་སྟོབས་གླིང་གི་འགན་འཛིན་སྤྱི་ཟུར་སྐུ་ངོ་ངག་དབང་ལྷ་མོ་མཆོག། བོད་མིའི་ནུས་གསོ་བསྟི་གནས་ཁང་གི་འགན་འཛིན་བདེ་ཆེན་དབང་མོ་མཆོག་དང་སྲོལ་གཏོད་པ་པོ་ཚེ་རིང་མཆོག་བཅས་ཕེབས་གནང་ཡོད།

སྐུ་མགྲོན་རྣམ་དང་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་བོད་མིའི་ནུས་གསོ་བསྟི་གནས་ཁང་གི་འགན་འཛིན་བདེ་ཆེན་དབང་མོ་མཆོག་ནས་དགའ་བསུའི་གསུང་བཤད་གནང་བ་དང། རིམ་བཞིན་བོད་མིའི་ནུས་གསོ་བསྟི་གནས་ཁང་སྲོལ་གཏོད་པ་པོ་ཚེ་རིང་མཆོག་ནས་ཚོགས་པའི་སྐོར། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྐུ་ངོ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ནས་བཀའ་སློབ་ལམ་སྟོན་གནང། དེ་ནས་སྙིང་སྟོབས་གླིང་གི་འགན་འཛིན་སྤྱི་ཟུར་སྐུ་ངོ་ངག་དབང་ལྷ་མོ་མཆོག་ནས་གསུང་བཤད་གནང་གྲུབ་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་གནང་བ་དང་སྦྲགས་གསུང་བཤད་གནང་དོན། ང་ཚོའི་བཙན་བྱོལ་ནང་ལ་བོད་མི་འབུམ་གཅིག་དང་སྟོང་ཕྲག་བཞི་བཅུའི་གྲངས་ཀ་ཏག་ཏག་མིན་གྱི་རེད་དེ། རོབ་ཚོད་བྱས་ན། སྟོང་ཕྲག་ ༤༠ ཙམ་དང་། དེ་ཡང་རྒྱ་བལ་འབྲུག་གསུམ་གྱི་ནང་ལ་རེད། ང་ཚོས་གྲངས་ཐོ་གལ་ཆེན་པོ་རྩི་རྒྱུ་དེ། དུས་རབས་འདིར་གལ་ཆེན་པོར་བརྩིས་པ་བཞིན་ཡིན་ཡང་། གྲངས་ཐོ་ལས་ལྷག་པ་ང་ཚོས་ག་ཚོད་ཞིག་གནད་ལ་ཕིགས་པ་བྱེད་ཐུབ་ཀྱི་འདུག དེ་གཅིག་ཞུས་ན་བསམ་བྱུང།

གཅིག་ནས་ང་རང་ཚོའི་སྤྱི་ཚོགས་གཅིག་པུའི་ནང་ལ་དབུ་འཐོམས་ནས་མ་བསྡད་པར་རྒྱ་ཆེ་ས་ལ་ག་རེ་བྱ་དགོས་འདུག དཔེར་ན། ད་རང་ཞོགས་པ་ང་ཚོ་ཚང་མས་གཟུགས་མཐོང་རླུང་འཕྲིན་དུ་གཟིགས་ཡོད་ཀྱི་རེད། ཁ་སང་དགོང་དྲོ་ནས་རྒྱ་གར་གྱི་ DDA འདྲ་པོ་ཞིག་ལ་མཚོན་ན་ཉམས་མྱོང་ཅན་གདན་ཞུ་བྱས་ཏེ་དེའི་སྐོར་ལ་བགྲོ་གླེང་ནང་གི་འདུག དེ་རིང་ཞོགས་པ་ཡང་གནང་བསྡད་བཞག རྒྱ་གར་གྱིས་དེར་མི་འབོར་ས་ཡ་ ༢ དང་འབུམ་ ༦༨ ཟེར་གྱི་འདུག དེ་ཉུང་ཉུང་མ་རེད། དེ་འདྲ་ཡིན་ཙང་ང་ཚོས་གང་སར་ཐུགས་སྣང་བྱས། ཡར་རྒྱས་ཟེར་ཡག་དེ་ཕྱོགས་བཞི་མཚམས་བརྒྱད་ལ་གཟིགས་པ་ཡིན་ན་ང་ཚོས་ཡར་རྒྱས་གཏོང་ཐུབ་ཀྱི་རེད། ཀླད་པ་རྙེད་ཀྱི་རེད། དེ་འདྲའི་གནས་བབ་རྒྱ་གར་ནང་ལ་ཡིན་ནའང་གནང་གི་འདུག གསུང་སྟངས་དེ་གཅིག་པ་རེད། ད་ལྟ་ང་རང་ཚོའི་གསུང་མཁན་རྣམ་པ་ཚོ་དང་། འགན་འཁྱེར་ཉམས་མྱོང་ཡོད་མཁན་ཚོའི་གསུང་སྟངས་དེ་གཅིག་པ་གཅིག་རྐྱང་རེད། ནམ་རྒྱུན་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་གི་བདུད་རྩིའི་ནང་བཀའ་སློབ་ཕེབས་པ་བཞིན། ང་ཚོས་ཆོས་ག་རེ་ཉམས་ལེན་བྱེད་ཀྱི་ཡོད་མེད་དང་། ཆོས་མཁས་ལེན་མིན་གྱི་རྣམ་པར་མ་ལྟོས་པར་སྤྱི་ཚོགས་ནང་ནམ་རྒྱུན་དུ་བྱམས་དང་སྙིང་རྗེ། བརྩེ་བ་ཟེར་བ་དེའི་ཐོག་ནས་ང་ཚོས་བྱེད་དགོས་ཀྱི་འདུག ད་རིང་རྣམ་པ་ཚོས་དེ་གསུང་གནང་བ་རེད་ལ། དེང་སྐབས་རྒྱ་གར་ནང་དེ་ག་རང་གི་སྒང་ལ་བྱང་ཞིང་ཆུབ་པའི་ཨེམ་ཆི་དང་། རྩེད་མོའི་ནང་ལ་རྐང་པར་སྐྱོན་ཡོད་ཀྱང་རྩེད་ཕུད་ཀྱི་བྱ་དགའ་ཐོབ་མཁན་དེ་འདྲ་ཉམས་མྱོང་གི་ཐོག་ནས་ཡོང་གི་འདུག དེ་འདྲ་སོང་ཙང་དེ་ལྟ་བུའི་ཡར་རྒྱས་ལ་མཐའ་ཡོད་མ་རེད། དེ་རིང་རྣམ་པ་ཚོས་མཛད་སྒོ་དང་སྟབས་བསྟུན་ནས་གཅིག་གནང་གི་ཡོད་ཙང་ཐུགས་ཕན་གསོས་བསམས་ནས་ཞུས་པ་ཡིན།

དེ་ནས་རྣམ་པ་ཚོས་གསུངས་པ་བཞིན་རྒྱལ་སྤྱིའི་ནང་ལ་དེ་ག་རང་གསུང་གི་ཡོད་རེད་ལ། ངས་ཞུས་པ་ནང་བཞིན་ད་རང་ཞོགས་པ་རྒྱ་གར་གྱིས་དེ་རིང་གི་ཉིན་མོ་སྲུང་བརྩི་དང་སྦྲགས་ནས་བཀའ་མོལ་གནང་མཁན་ཚང་མས་དང་པོ་དེ་དབང་པོར་དཀའ་ངལ་ཅུང་ཟད་ཡོད་མཁན་ལ་ནང་མི་ཚོས་མཐུན་འགྱུར་སྦྱར་དགོས་རེད་ཅེས་གསུངས་ཡོད། ནང་མི་ལས་བརྩེ་བ་ཆེ་བ་ཞིག་ཡོད་ཀྱི་མ་རེད་བསམ་གྱི་འདུག དྲང་པོ་བཤད་ན་སོ་སོའི་ཤ་ཁྲག་ནས་སྐྱེས་བ་རེད། སྐབས་རེ་ནང་མི་ལས་ལྷག་པ་ང་ཚོས་བྱེད་ཐུབ་ཀྱི་ཡོད་མདོག་མདོག་བྱས་ན་དེ་ཏག་ཏག་བསྡད་ཀྱི་ཡོད་མ་རེད། ང་ཚོས་ཁོང་ཚོར་ནང་ལ་ཉར་གྱི་ཡོད་ནའང་རེད། གང་འདྲ་བཞིན་ཉར་གྱི་ཡོད་ནའང། ནང་གི་ཕ་མས་བཟོས་པའི་ཞལ་ལག་དེ་ལས་བཅུད་ཆེ་བ་ཞིག་ང་ཚོའི་ཐབ་ཚང་ཡོངས་རྫོགས་བསྡོམས་ནས་བཟོས་ཀྱང་བཅུད་དེ་འདྲ་ཡོང་གི་མ་རེད། ཤ་ཚའི་ནང་མིས་བཀའ་སྐྱོན་ཡོང་གི་རེད་ལ་བརྩེ་བ་ཡང་ཡོད་རེད། བྱམས་པ་ཡང་ཡོད་རེད། གཡོག་དང་། སྙིང་རྗེ་ཚང་མ་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོས་སྐབས་རེ་གསུང་བབ་ཀྱི་ཐོག་ནས་གཟབ་གཟབ་མ་བྱས་ན་དུས་རབས་ ༢༡ དེ་གསུང་ལ་བཟོ་ལྟ་བཟོ་ཡག་མང་དྲགས་ནས་མགོ་ལས་རྨ་ཆེ་བ་བཟོས་པ་ཡོང་གི་འདུག དེ་འདྲ་ཡིན་ཙང་ཕ་མའི་ངོས་ནས་ཕར་བསྐྱེལ་ཚར་བའི་གཞུག་གུར་བཅོལ་ས་ཞིག་རགས་སོང་བསམ་མཁན་དེ་འདྲ་རེ་ཟུང་ཡོད་སྲིད། ཡིན་ནའང་ཡོང་རྫོགས་དེ་འདྲ་ཡོང་གི་མ་རེད། དངོས་ཡོད་ཀྱི་ཕ་མ་མེད་མཁན་དང་དངོས་གནས་ཕ་མ་ཉམ་དག་ཡིན་མཁན་ཡིན་ན་འདིར་ཉར་གསོ་ཐུབ་པ་ཡིན་ན། ཕ་མ་ཚོའི་འཚོ་བར་ཡང་ཐུགས་ཕན་གསོ་བའི་མཐུན་རྐྱེན་ཞིག་རེད། ངས་ག་དུས་ཡིན་ནའང་སྤྱི་ཚོགས་ལ་ཞུ་ཡི་ཡོད། ང་ཚོ་བོད་མིའི་སྒྲིག་འཛུགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཀྱི་བོད་མིའི་སྒྲིག་འཛུགས་དང་སྒེར་སུས་ཀྱང་གནང་གི་ཡོད་ནའང་ཐོབ་ཐང་ཞིག་སྐྲུན་གྱི་ཡོད་རེད་བསམ་རྒྱུ་ཡོད་མ་རེད་ལ། ང་ལ་ཐོབ་ཐང་ཞིག་གནང་གི་ཡོད་བསམ་རྒྱུ་ཡོད་མ་རེད། ད་ལྟ་ང་ཚོའི་ཕྱག་ལས་གནང་ས་དེ་དག་ལ་བཟང་ཕྱོགས་ཀྱི་བསམ་བློ་བཏང་པ་ཡིན་ན། དངོས་གནས་དགེ་བ་རེད། ཆོས་རེད། དེ་ལས་ལྷག་པའི་ཆོས་ཤིག་ཡོད་མ་རེད། ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡོད་སར་དངོས་གནས་ཀྱི་ཐུགས་ཕན་གསོས་པ། སོ་སོར་ཡིན་ནའང་ཚེ་ཕྱི་མ་མི་ལུས་བཟང་པོ་ཐོབ་པ། ཚེ་གཞུག་རིང་ལ་ན་ཚ་དཀོན་པ། ལས་ལམ་འགྲོ་ཡོང་རྒྱུ། སྒྲིག་འཛུགས་དང་། གང་ཟག་སྒེར། སྤྱི་ཚོགས་བཅས་ལ་ལམ་འགྲོ་ཡག་པོ་ཡོང་གི་རེད།  དེ་ལྟ་བུའི་མཐུན་རྐྱེན་གནང་མཁན་སྒྲིག་འཛུགས་བཞི་ཙམ་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱིས་སྔོན་མ་ནས་བཙུགས་པ། དཔེར་ན་སྐུ་ངོ་དྲུང་ཆེ་མཆོག་ཡིན་ནའང་ལོ་མང་ཞབས་ཕྱི་ཞུས་པ་རེད། སྐུ་ངོ་ངག་དབང་ལྷ་མོ་ཡིས་སྒྲིག་འཛུགས་དེ་བཙུགས་བྱས་ལོ་མང་པོའི་ཉམ་མྱོང་ཡོད་པ་དང་། བསླབ་པ་མཐར་སོན་པ་ཁག་ཅིག་གིས་ཕྱག་ལས་གནང་བའི་ཉམ་མྱོང་དང་། གང་ལ་སློབ་སྦྱོང་གནང་ན་དེའི་ནུས་པ་ཆེ་བ་ཡོང་གི་ཡོད་པ་དེའི་ཐོག་ལ་ཐུགས་བསམ་བཞེས་ཀྱི་ཡོད་པ་ལྟར། ད་དུང་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་གནང་གི་རེད་ལ། ད་དུང་དེ་ལས་གནང་རྒྱུ་མང་བ་ཡོད་རེད།

གཉིས་པ་དེ་གཞུང་གི་ངོས་ནས་མཐུན་འགྱུར་སྦྱར་དགོས་རེད་ཟེར་བ་དེ་རེད། རྒྱ་གར་གཞུང་གྱིས་མཐུན་འགྱུར་སྦྱར་དགོས་ཀྱི་ཡོད་རེད་ཅེས་གསུངས་ཀྱི་ཡོད་རེད། ང་ཚོའི་བོད་མི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་གྱི་རྣམ་པ་མ་འདྲ་བ་མང་པོའི་ནང་ནས། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་གཞིས་ཆགས་དང་། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཤེས་ཡོན་གྱི་སྡེ་ཁག དབང་པོར་སྐྱོན་ཡོད་མེད་ལ་མ་ལྟོས་པར་གང་ཟག་ཡོངས་རྫོགས་ཀྱི་འཕྲོད་བསྟེན་ཐད་འཕྲོད་བསྟེན་ལས་ཁུངས་ནས་མཐུན་རྐྱེན་སྦྱར་གནང་གི་ཡོད་རེད། འཕྲོད་བསྟེན་ལས་ཁུངས་ཀྱིས་ ༡༩༨༤ ནས་བཟུང་ད་ལྟའི་བར་ལ་བཙན་བྱོལ་སྤྱི་ཚོགས་ནང་ལ་འཕྲོད་བསྟེན་ཐོག་མཐུན་རྐྱེན་སྦྱར་ཡོད་། བཟང་ངན་གྱི་དབྱེ་བ་མེད། ཀྲི་བྷི་དང་། སྐྲན་ནད། མྱོས་རྫས། རེག་དུག མཛེ་ནད། གཉན་ནད་རེག་དུག་ཀྱི་ཉིན་མོ་དེ་ཁ་སང་རང་ཕྱི་ཚེས་ ༡ ཉིན་སྲུང་བརྩི་ཞུས་གནང་སོང་། འཛམ་གླིང་ཡོངས་སུ་ HIV/AIDS བཅས་ག་ཚོད་ཀྱི་ཛ་དྲག་ཡིན་པ་དེར་ཐབས་ལམ་ག་རེ་འཚོལ་དགོས་ཐོག་ཞེ་དྲག་གནང་གི་ཡོད་པ་བཞིན། ང་ཚོ་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ན། ཕལ་ཆེར་ས་ཡ་མང་པོ་དེའི་སྒང་ལ་གཏོང་གནང་གི་འདུག གཉན་ནད་གཅིག་པུའི་ནད་ལ་ས་ཡ་ ༡ དང་། འབུམ་ ༥༡ གཏོང་དགོས་རེད། དེ་བཞིན་མྱོས་རྫས་གཅིག་པུ་ལ་ཕལ་ཆེར་ས་ཡ་ ༢ དང་འབུམ་གང་ཙམ་ཞིག་དང་། མཛེ་ནད་ལ་འབུམ་ ༢ ལྷག་ཙམ། དབང་པོ་སྐྱོན་ཅན་ལ་ས་ཡ་ ༤ དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་དྲུག་བརྒྱ་ལྷག་ཙམ་གཏོང་གནང་གྱི་འདུག ལོ་གཅིག་གི་འགྲོ་སོང་དེ་རེད། ཡོང་འབབ་ཡོད་མ་རེད། མིའི་སར་ནས་སློང་བ་རེད། ༸སྐྱབས་མགོན་རིན་པོ་ཆེེས་མར་གསོལ་རས་གནང་ཡ་དང་། ད་ལྟ་འདིར་ཕེབས་པའི་རོགས་ཚོགས་རྣམ་པ་ཚོས་རོགས་རམ་གནང་བ་རེད་མ་གཏོགས། ང་ཚོ་ལ་གང་ཡང་ཡོད་མ་རེད། དེ་བཞིན་མངོན་དགའ་ཅིག་པུར་ཕལ་ཆེར་ས་ཡ་གཉིས་དང་བརྒྱད་འབུམ་ལྔ་ཁྲི་ཉིས་སྟོང་གསུམ་བརྒྱ་བདུན་ཅུ་དོན་གཅིག་གཏོང་གནང་གི་ཡོད་རེད་བ། བོད་མིའི་སྒྲིག་འཛུགས་ནས་ཀྱང་གང་ཐུབ་ཅི་ཐུབ་གཏོང་གནང་གི་ཡོད་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འོག་སྔ་ཕྱི་བར་གསུམ་དུ་མཐུན་འགྱུར་སྦྱར་གནང་གི་ཡོད་རེད། དེའི་ལམ་སྟོན་དང་དགོས་མཁོ་ལྟར་ལོ་གཅིག་གི་སྔོན་རྩིས་དེ་ཕུལ་གྱི་ཡོད། དེ་འདང་པ་ཡོད་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་གི་འགྲོ་སོང་ས་ཡ་ཉིས་སྟོང་ཉིས་བརྒྱ་དང་འབུམ་ཁ་ཤས་ཤིག་རེད།

དང་པོ་ནང་མི་རེད། གཉིས་པ་བོད་མིའི་སྒྲིག་འཛུགས་རེད། གསུམ་པ་སྤྱི་ཚོགས་རེད། སྤྱ་ཚོགས་ནང་ལ་གོ་རྟོགས་སྤེལ་དགོས་ཀྱི་འདུག་གསུང་གི་ཡོད་རེད། ཡིན་ན་ཡང་དབང་པོ་སྐྱོན་ཅན་གྱི་ནང་མིར་མ་གཏོགས་བྱུས་གཏོགས་མེད་པའི་བཟོ་འདྲ་ཞིག་ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་ཡོང་གི་འདུག སྤྱི་ཚོགས་ནང་གོ་རྟོགས་སྤེལ་དགོས་པ་དེ་གལ་ཆེན་པོ་རེད། ཕྱག་ལས་གནང་མཁན་ཚོས་གོ་རྟོགས་མ་སྤེལ་ན་ཤེས་ཀྱི་མ་རེད། འདིར་ས་གནས་འགོ་འཛིན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ག་ཚོད་སྙོབ་ཀྱི་ཡོད་མེད་དེ་གནད་འགག་ཆགས་ཡོད། དེ་ནས་དབང་པོ་སྐྱོན་ཅན་མ་འདྲ་བ་མང་པོ་རེད། རྒྱ་གར་ལ་ཆ་བཞག་ན་དམག་ལ་ཕྱིན་ནས་རྐང་པ་བེད་མེད་དུ་ཕྱིན་པ་དང། ཡང་ན་ལས་དོན་སྣ་ཚོགས་ཀྱི་ཐོག་ནས་དབང་པོ་སྐྱོན་ཤོར་བ་དེ་འདྲ་ཡོད་རེད། ང་ཚོའི་སྤྱི་ཚོགས་ནང་ལ་དེ་འདྲ་ཉུང་ཉུང་རེད། ཡིན་ནའང་བོད་ནང་རྒྱ་མིས་སྡུག་སྦྱོང་མནར་གཅོད་ཀྱི་ཐོག་ནས་དབང་པོ་བེད་མེད་དུ་བཏང་བ་མང་པོ་རེད་ལ། ཁོང་ཚོའི་གནས་སྟངས་ཀྱང་ཛ་དྲག་པོ་ཡོད་རེད། དེར་བརྟེན་རྣམ་པ་ཚོས་མཉམ་འབྲེལ་རྒྱལ་ཚོགས་མཉམ་དུ་བཀའ་མོལ་གནང་དུས་དེ་ཚོའི་སྒང་ལ་དགོངས་པ་བཞེས་ན་གནད་འགག་རེད་འདུག དབང་པོའི་སྐྱོན་ལ་རབ་འབྲིང་མང་པོ་ཡོད་པ་ནས་ཀླད་པར་སྐྱོན་ཤོར་ན་ཧ་ཅང་གི་བློ་ཕམ་རེད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ནང་ཡན་ལག་སྐྱོན་ཅན་ལས་ཀླད་པ་སྐྱོན་ཤོར་མ་རེད། དེར་བརྟེན་ནང་མི་དང་སྤྱི་ཚོགས་ཀྱིས་ཡོང་གི་མ་རེད་ཞུས་ན་ཁོང་ཚོར་མཐོང་ཆུང་བཏང་བ་རེད། བོད་པའི་སྤྱི་ཚོགས་ནང་གང་ཡིན་རུང་། རྒྱ་གར་སྤྱི་ཚོགས་ནང་དབང་པོ་སྐྱོན་ཅན་ཚོས་འགྲན་བསྡུར་དང་། རྩལ་ནུས་འདོན་གྱི་འདུག གཞས་ཀྱི་ཐོག་ལ་རེད། རྐང་པ་ཡན་ལག་མེད་མཁན་ཡིན་ནའང་ Indian Idol ནང་ལ་རྩེ་ཕུད་ལེན་མཁན་ཡང་འདུག ཕ་མས་རྒྱབ་སྐྱོར་གནང་གི་འདུག ཉེ་ལམ་ Mr. Himachal competition ལ་ང་དམིགས་གསལ་གྱི་སྐུ་མགྲོན་ལ་སྐད་བཏང་དུས། མན་ཌིའི་བུ་མོ་ཆུང་ཆུང་མིག་ཐང་པོ་མེད་མཁན་གྱི་ཕ་ scooter གཏོང་མཁན་ཡིན་ཀྱང་། རྒྱ་གར་གཟུགས་མཐོང་རླུང་འཕྲིན་ Zee TV གྱི་འགྲན་བསྡུར་ལ་ཕྱིན་ནས་སྤྱན་ཐང་པོ་མེད་ཀྱང་གསུང་སྐད་ཀྱི་ལམ་སྟོན་ཁོོ་མོའི་ཨ་ཞང་ལགས་ཀྱིས་གནང་གི་འདུག དེ་ངས་དངོས་སུ་མཐོང་བྱུང་།

ངས་གོང་དུ་ཞུས་པ་བཞིན་རྒྱ་གར་གྱི་མཁས་དབང་ཚོས་ Health and Empowerment of Differently Abled Person བགྲོ་གླེང་གནང་བའི་སྐབས་སུ་ཚིག་དེ་འདྲ་བེད་སྤྱོད་གནང་གི་འདུག དེར་བརྟེན་ང་ཚོས་ཀྱང་འཕྲོད་བསྟེན་དང་ནུས་པ་གོ་རྟོགས་སྤེལ་སྐབས་དབང་པོར་སྐྱོན་གནད་ཡོད་མཁན་ཚོ་ལ་གང་འདྲ་གནང་དགོས་མིན་བགྲོ་གླེང་གནང་རྒྱུ་ལས། མཐུན་འགྱུར་སྦྱར་ཐུབ་ཙམ་ཞིག་མ་ཡིན་པ་དགོས་། རྒྱ་གར་གཞུང་འབྲེལ་དུས་ཆེན་སྐབས་སྤྱི་ཚོགས་ཞབས་བཞུ་ཟེངས་སུ་ཐོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་དུས་རྒྱལ་སྤྱིའི་མང་ཚོས་ཀྱང་ཁོང་ཚོར་སྡིངས་ཆ་ཞིག་འདུག་བཅས་ངེས་ཀྱི་རེད། རྒྱ་གར་ནང་ཡིན་ན་ Rotary Club དང་ Red Cross ཚོས་ཞེ་དྲག་མཐུན་འགྱུར་གནང་གི་འདུག ང་ཚོ་ཞལ་འདེབས་ཁུ་ཁུ་སིལ་སིལ་སློང་བ་ནང་བཞིན་ཕེབས་དགོས་མིན་པར་། ཟ་ཁང་དང་ཚོང་ཁང་ཆེན་པོ་དེ་འདྲ་བཅར་ནས་ཁྱེད་རང་གིས་སྦྱིན་བདག་གནང་གི་ཡིན་ནམ་གསུངས་ན་ཡིན་གསུང་གི་རེད། སྒོར་སྟོང་ཕྲག་བཅུ་གནང་རོགས་ཞུས་ན་ཁག་པོ་རེད། ཞབས་བཀྱག་བཅུ་གྲངས་ཤིག་གི་སྦྱིན་བདག་གནང་རོགས་ཞུས་ན་ལམ་སེང་གནང་གི་རེད་བསམ་གྱི་འདུག བྱས་ཙང་ཞལ་འདེབས་ལེན་སྟངས་ཀྱང་དངུལ་གྱི་ངོོ་བོ་ཁོ་ན་མ་ཡིན་པར་དེ་འདྲའི་རྣམ་པའི་ཐོག་ནས་གནང་སྟངས་ཡོད་ཀྱི་རེད་བསམ་གྱི་འདུག

དེ་རིང་འདིར་བཅར་རྒྱུ་དེ་ཉེ་ལམ་ཚེ་རིང་ལགས་ཀྱི་ཞལ་པར་འབྱོར་སྐབས་ངས་འཁོམ་པ་བྱ་རྒྱུ་ཡིན་ཞུས་པ་བཞིན། སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་སྟངས་ལྟར་ཁྲིམས་ལུགས་གཞིར་བཟུང་འདིར་བཅར་རྒྱུ་བྱུང་། ང་རང་ལ་ཡང་སློབ་སྦྱོང་མང་པོ་རགས་བྱུང་བས་ཉམས་མྱོང་ཅན་རྣམ་པ་ཚོ་བཞི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་འདི་སྲུང་བརྩི་ཞུས་པ་འདི་དྲན་བསྐུལ་ཞིག་རེད་མ་གཏོགས། དེས་ལས་དོན་སྒྲུབ་ཀྱི་ཡོད་པའི་ཁྱབ་པ་ཡོད་མ་རེད། ཉིན་མོ་འདིར་དྲན་བསྐུལ་དང་ཡར་རྒྱས། གོ་རྟོགས་མཉམ་དུ་ལོ་གཅིག་ལ་སྐུ་ངལ་སྐྱོན་པ་དེ་ཡི་གྲུབ་འབྲས་སྟོན་ས་ལྟ་བུ་རེད། ལས་ཀ་འདི་བཟང་པོ་རེད་ལ། བསོད་ནམས་གསོག་ཆེད་སྤྱི་ཚོགས་ལ་ཕན་པ་ཞིག་རེད། ༸གོང་ས་མཆོག་གི་དགོངས་གཞི་ལྟར་བོད་མི་སྒྲིག་འཛུགས་ཀྱིས་མངོན་དགའ་སློབ་གྲྭ་བཙུགས་གནང་བ་རེད། དེ་ནས་སྐུ་ངོ་ངག་དབང་ལྷ་མོ་ལགས་ཀྱིས་འདི་དང་། རིན་པོ་ཆེས་ལྷོ་ཕྱོགས་ལ་བཙུགས་གནང་བ་ང་ཚོས་ཤེས་གསལ་རེད། སྔོན་མ་ང་ཆུང་དུས་མིག་ལོང་བ་མང་པོ་མཐོང་མྱོང་། གྲོས་ཚོགས་ནང་ལའང་གླེང་རྒྱུ་བྱུང་། ལྡི་ལིར་སྤྱི་ལོ་ ༡༩༣༥ རྒྱ་གར་རང་བཙན་རྩོད་ལེན་སྐབས་སུ་བཙུགས་པ་ Blind School ཅིག་ངའི་སྡད་སའི་ཉེ་འགྲམ་དུ་ཡོད། དེ་ཡན་ལག་རེད། ཨ་མ་དེ་ Lahore ལ་བཙུགས་ཡོད་རེད། ང་ཚོ་བོད་པའི་སློབ་གྲ་ཅིག་ལྡེ་ར་ལྡུན་ལ་ཡོད་པ་གོ་མྱོང་ཡོད། སྤྱན་ཐང་ཐང་མེད་མཁན་མང་པོ་ཅིག་ཡོང་གི་ཡོད་རེད། དེ་འདྲའི་ཐོག་ལ་མིག་ཤེལ་གྱི་མཐུན་འགྱུར་ལྟ་བུ་དང་། ཕྱག་དང་། སྙན་ལྕོག ངག ཞབས་སོགས་དབང་པོ་ག་རེར་སྐྱོན་ཡོད་པའི་གྲངས་ཐོར་ཧང་མ་སང་པར་མཐུན་འགྱུར་སྦྱར་དགོས་པ་འཚམ་པོ་བྱུང་ན་ཡག་པོ་ཞེ་དྲགས་ཡོང་གི་རེད།     མཐའ་དོན། རྣམ་པ་ཚོ་ཕྱག་ལས་གནང་མཁན་ཚང་མ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་ཡི་ཡོད། དེ་ལྟའི་དཔེ་མཚོན་མེས་པོ་དམ་པ་གྷན་ཌིའི་རྗེས་འཇུག་ཚོའི་ལེགས་སྤེལ་ཉེན་འགོག་ནས་བཟང་ཕྱོགས་ག་རེ་ལེན་རྒྱུ་ཡོད་པ་དང་། ཨ་རི་ལ་སོགས་པ་འམ་བུ་གླིང་ལ་སྐོར་བ་རྒྱག་མི་དགོས་པར་རྒྱ་གར་ནང་དུ་མཐུན་འགྱུར་གང་འདྲ་སྦྱར་གྱི་ཡོད་མེད་ནས་སློབ་སྦྱོང་ལེན་རྒྱུ་གལ་ཆེན་པོ་རེད། མ་འོངས་པ་ལེན་ཐབས་གནང་རོགས་གནང་ཞུ་རྒྱུ་ཡིན། ཚང་མ་ལ་ཐུགས་རྗེ་ཆེ་གནང།