དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཧིན་བོད་མཛད་འབྲེལ་ཚོགས་པའི་ཚོགས་ཆེན་ཐེངས་ ༢ པའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །རྒྱ་གར་བྱང་ཕྱོགས་ཧི་མྰ་ཅལ་མངའ་སྡེའི་སིར་མུར་རྫོང་ཁོངས་བོད་མིའི་གཞིས་ཁག་བཞིའི་ས་གནས་འགོ་འཛིན་ཐུན་མོང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༩ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་ཐེངས་ ༢ པའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༣༠ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །