གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གསུམ་ཟགས་པ།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཐའ་དོན་ཕྱོགས་བསྡོམས་སྙན་ཐོ་གཞིར་བཟུང་སྤྱི་འཐུས་རྒྱུན་ལས་ནས། རྒྱ་བལ་འབྲུག་གསུམ་དང༌། ཡུ་རོབ། བྱང་ཨ་རི་བཅས་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ནས་སྤྱི་འཐུས་གཅིག་སྤར་ཆ་གནང་རྒྱུ་དང༌། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་འཛུགས་ཕྱོགས་སྐོར་ལ་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་གཉིས་གྲོས་ཚོགས་སུ་འབུལ་ལམ་ཞུས་པར། བརྗོད་པ་དང་པོར་ཚུད་ཀྱང༌། བརྗོད་པ་གཉིས་པའི་སྐབས་སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་གྲངས་ཚད་མ་ལོན་སྟབས། བསྐྱར་བཅོས་ཐུབ་མེད།
དེ་བཞིན་བཀའ་ཤག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་ཁོངས་ཉམས་མྱོང་ཆ་རྐྱེན་ད་དུང་ལོ་ལྔའི་རིང་ཕར་འགྱངས་གནང་རྒྱུའི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཕུལ་བའང་གོང་བཞིན་བསྐྱར་བཅོས་ཐུབ་མེད།