༄༅། །ས་གནས་འཐུས་ཚོགས་ཀྱི་ཚོགས་མིའི་ཉིན་རེའི་ལས་དོད་དང་ཐོབ་ཐང་གཞན་ཁག་གི་སྒྲིག་གཞི།

དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་མིའི་ཉིན་རེའི་ལས་དོད་དང་ཐོབ་ཐང་གཞན་ཁག་གི་སྒྲིག་གཞི་ཕྱི་ལོ་ ༢༠༡༠ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       ཆ་རྐྱེན།

སྒྲིག་གཞི་འདི་བཅའ་ཁྲིམས་དོན་ཚན་ ༨༥ པའི་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      འགོ་འཛུགས།

སྒྲིག་གཞི་འདི་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༤ ནས་འགོ་འཛུགས་བྱ་རྒྱུ།

དོན་ཚན་བཞི་པ།        ཁྱབ་ཚད།

སྒྲིག་གཞི་འདིས་རྒྱ་བལ་འབྲུག་གསུམ་ཁུལ་གྱི་ས་གནས་འཐུས་ཚོགས་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་ལྔ་པ།          ཉིན་རེའི་ལས་དོད་ཀྱི་ཐོབ་ཐང༌།

ས་གནས་འཐུས་མིའི་ཚོགས་འདུ་དངོས་སུ་ཚུགས་རིང་ཉིན་རེའི་ལས་དོད་ཀྱི་ཐོབ་ཐང་སྤྱི་འཐུས་རྒྱུན་ལས་ཀྱིས་དུས་ནས་དུས་སུ་གཏན་འབེབས་ལྟར་འཐོབ་རྒྱུ།

དོན་ཚན་དྲུག་པ།        འགྲིམ་འགྲུལ་ཟུར་ཕོགས།

ས་ཐག་ཀི་ལོ་མི་ཊར་ ༡༢ བརྒལ་ཏེ་ཆུ་ཚོད་ ༦ ཡན་གཞུང་དོན་ཕྱོགས་བསྐྱོད་སྐབས་ལམ་གྲོན་དང་ཟུར་ཕོགས་ཐོབ་ཐང་ཡོད། དུས་ཡུན་ཆུ་ཚོད་ ༦ མན་དང་ཆུ་ཚོད་ ༣ ཡན་ལ་ཟུར་ཕོགས་ཕྱེད་འཐོབ་རྒྱུ། འགྲིམ་འགྲུལ་དང་ཟུར་ཕོགས་ཀྱི་ཐོབ་ཐང་ས་གནས་སོ་སོའི་ས་གནས་འགོ་འཛིན་ལ་ཇི་ཐོབ་ལྟར་འཐོབ་རྒྱུ།

དོན་ཚན་བདུན་པ།       སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༣།༤།༡༠ ཉིན་ཕྱོགས་བསྒྲིགས་ཞུས།