སྤྱི་ལྷན་གྱི་དཔལ་ལྡན་ཚོགས་གཞོན་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

འཁེལ་བར་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་དུ་བཅར་ཡོད་པ་རེད། དེ་ཡང་མཛད་སྒོའི་ལས་རིམ་ནི་ཆོས་ཕྱོགས་དང་འབྲེལ་བ་ཡིན་ལ། རྒྱལ་ཁབ་གཞན་གྱི་སྐུ་ཚབ་ཀྱང་མང་པོ་ཕེབས་ཡོད་པ་རེད། དཔལ་ལྡན་ཚོགས་གཞོན་མཆོག་ནས་མཛད་སྒོའི་སྐབས་སུ་བོད་ནང་གི་གནས་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་འཕྲིན་དང་ཐུགས་ཀྱི་དགོངས་གཞི། ལྷག་པར་ནང་པའི་རྒྱལ་ཁབ་ཕན་ཚུན་མཐུན་སྒྲིལ་གནང་དགོས་པ། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ནང་པའི་རྒྱལ་ཁབ་སྤྱི་ཡོངས་ནས་ཐུགས་སྣང་ཐོག་རྒྱབ་སྐྱོར་ཡོང་ཐབས་ཀྱི་འབོད་སྐུལ་ཞུ་གནང་བ་སོགས་གསུང་བཤད་གནང་ཡོད། དེ་ནས་ཕྱི་ཚེས་ ༩ ཉིན་ནང་པའི་སློབ་གཉེར་ཁང་ཅིག་གི་དབུ་འབྱེད་མཛད་སྒོའི་ཐོག་བཅར་ཏེ། བོད་ནང་གི་སློབ་མའི་གནས་སྟངས་དང་། བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་ཐོག་གསུང་བཤད་གནང་ཡོད། དེ་རྗེས་སྐུ་མགྲོན་ཡོངས་ལ་བོད་མིའི་ཚབ་ཞུས་ཏེ་འཚམས་འདྲི་དང་ཕྱག་རྟགས་ཕུལ་གནང་ཡོད་པའི་གནས་ཚུལ་དུ་སྙིང་བསྡུས་སུ།

IMG_0811