སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་ལས་འཁྱུར་རྣམས་ལ་ཕེབས་སྐྱེལ་ཇ་སྟོན་ཞིག་གོ་སྒྲིག་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལོ་དུས་གསུམ་པའི་རྒྱུན་ལས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་རྒྱུན་ལས་ནས་ལས་འཁྱུར་ཞུས་གནང་བར་སྤྱི་འཐུས་ལྷན་ཚོགས་ནས་ཕེབས་སྐྱེལ་ཇ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་དོན། དེ་རིང་སྤྱི་འཐུས་རྣམ་པ་བཞི་རྒྱུན་ལས་ནས་འཁྱུར་འགྲོ་གི་ཡོད་པ་རེད། ད་བར་ང་ཚོ་ལོ་གཅིག་ཕྱག་ལས་མཉམ་དུ་གནང་ཡོད་པ་དང་། དེའི་སྐབས་སྤྱི་འཐུས་རྒྱུན་ལས་རྣམ་པ་བཞིས་མཐུན་འགྱུར་ཡག་པོ་ཞེ་དྲག་གནང་སོང་། བྱས་ཙང་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་།

སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག

རྩ་བའི་སྤྱི་འཐུས་རྒྱུན་ལས་ནས་འཁྱུར་འགྲོ་གི་ཡོད་ཀྱང་། སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ས་གནས་ས་ཐོག་ནང་ལ་སྤྱི་པའི་ཕྱག་ལས་ཤིག་མུ་མཐུད་ནས་ཡོང་བསྡད་ཀྱི་རེད། བྱས་ཙང་དེ་ཚོའི་ཐོག་ལམ་ལྷོངས་ཡོང་བ་དང་།

སྤྱི་འཐུས་ཀརྨ་དགེ་ལེགས་མཆོག

ཕེབས་ལམ་བདེ་པོ་ཡོང་རྒྱུའི་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་གྲུབ་མཚམས། རྒྱུན་ལས་ལས་འཁྱུར་རྣམས་ལ་ལེགས་སྐྱེས་ཆེད་མཇལ་དར་རེ་ཕུལ་གནང་ཡོད་པ་བཅས། །