བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༤ ཉིན་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་གྲོར་ཁྱེར་ལག་ནོ་(Lucknow)ནང་ཡོད་པའི་ Lucknow University ལག་ནོ་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་རྒྱུར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་འདི་ཟླའི་ཚེས་ ༤ ཉིན་རྡ་ས་ནས་ཕེབས་ཐོན་དང་། ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་ལག་ནོ་རུ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་འབྱོར་འཕྲལ་གསར་འགོད་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་ལག་ནོ་གཙུག་ལག་སློབ་གཉེར་ཁང་ནང་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༨ ཉིན་ས་གནས་བོད་དོན་རྒྱབ་སྐྱོར་འཕགས་བོད་འབྲེལ་མཐུད་ཚོགས་པའི་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

ལག་ནོ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་འདུ་དེའི་ནང་སྐུ་མགྲོན་གཙོ་བོ་ Uttar Pradesh མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྡེའི་སྲིད་སྐྱོང་མཆོག་རྣམ་གཉིས་དང་། གཞན་དབུས་གཞུང་གི་ཤེས་ཡོན་བློན་ཆེན་གཞོན་པ་མཆོག དེ་བཞིན་རྒྱ་གར་དབུས་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ Shri. Bhagat Singh Koshyari  སྐུ་ཞབས་བཱ་གད་སིང་ཀོ་ཤ་རི་མཆོག་བཅས་ཕེབས་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་དུ།།