དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་རྒྱལ་ཁབ་ཀྱི་མང་གཙོའི་ཉིན་མོ་སྲུང་བརྩིའི་སྐུ་མགྲོན་དུ་ཕེབས་པ།

ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༦ ཉིན་མོ་དེ་བཞིན་ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེསས་གནང་སྟེ་རྒྱལ་ཁབ་དེ་མང་གཙོ་ལམ་ལུགས་ཐོག་ཕེབས་ནས་ད་བར་ལོ་ངོ་ ༦༨ འཁོར་གྱི་ཡོད་པ་ལྟར། དེ་རིང་ཉིན་མོ་འདི་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིས་གཙོས་པའི་རྒྱལ་ཁབ་ཀྱི་ས་ཁུལ་ཁྱོན་ཡོངས་ལ་གཞུང་མང་གཉིས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་རེད། དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་མགྲོན་ཤོག་གནང་འབྱོར་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་རྡ་རམ་ས་ལའི་རྫོང་དཔོན་ལས་ཁུངས་ཀྱི་མདུན་ཐང་དུ་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་Brij Bihari lal butail མཆོག་དང་། དཔོན་རིགས་རྣམས་ལྷན་འཛོམས་ཐོག་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་མཇལ་དར་ཕུལ་བ་དང་ཆབས་ཅིག་འཚམས་འདྲི་ཞུས་ཏེ་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་རེད།